作曲 : 益丹平措作词 : 瑞巴ཨ་ཕ་ལགས།གཞས་པ། ཡིད་བརྟན་ཕུན་ཚོགས།ཨ་ཕ་ལགས། ཨ་ཕ་ལགས།དགུན་གྱི་ཁ་བ་འདྲ་བའི་ཨ་ཕ་ལགས།དབྱར་གྱི་རྩྭ་ཐང་འདྲ་བའི་ཨ་ཕ་ལགས།དཔྱིད་ཀྱི་རླུང་བུ་འདྲ་བའི་ཨ་ཕ་ལགས།སྟོན་གྱི་ལོ་མ་འདྲ་བའི་ཨ་ཕ་ལགས།གང་དཀར་པོ་རྩེ་མོ་ཁྱེད་ཡིན།ཆུ་གཙང་པོ་རླབས་རྒྱུན་ཁྱེད་ཡིན།བུ་བུ་མོའི་སེམས་བརྟེན་ཁྱེད་ཡིན།ཁྱེད་ནི་དྲིན་ཆེན་ཨ་མའི་ངོ་གདོང་ལ་འཐིབས་པའི་མིག་ཆུ་དྭངས་མོ་ཡིན།ཁྱེད་ནི་བུ་དང་བུ་མོའི་རུམ་ཁོང་ལ་འཁྱིལ་བའི་རྨི་ལམ་དྲོན་མོ་ཡིན།ང་ཚོ་ཡུན་རིང་གྱེས་པའི་ལོ་དང་ཟླ་བའི་ཉིན་དང་སྲིབ་ན།ནམ་ཡང་བརྗེད་དུ་མེད་པ་ཁྱེད་ཀྱི་ཞལ་རས་ཡིན།ཁྱེད་ཀྱི་རྒྱབ་གཞུང་། ཁྱེད་ཀྱི་ལག་ཟུང་།ཁྱེད་ཀྱི་བསླབ་བྱ། ཁྱེད་ཀྱི་བྱམས་བརྩེ་ཡིན།ཨ་ཕ་ལགས། ཚེ་ནོར་ལྟ་བུའི་ཨ་ཕ་ལགས།ང་ཡི་སེམས་ཀྱི་ཨ་ཕ་ལགས།དེ་རིང་ཁྱེད་ཀྱི་མར་ལོ་འདྲ་བའི་བུ་ཆུང་གིས།ཉི་མ་ལྷ་སའི་ཇོ་བོའི་མདུན་ནས།རྒྱང་དུ་བཞུད་པའི་ཁྱེད་ཉིད་ལ།གསེར་གྱི་མཆོད་མེ་ལམ་ལམ་བསྒྲོན་ཞིང་།མིག་ཆུའི་སྙིམ་པ་བྲང་ཁར་བཞག་ནས།སྐྱབས་གནས་ལྷ་ལ་ཕྱག་གསུམ་འཚལ་ཡོད།གངས་རིའི་རྩེ་ལ་ཉི་འོད་འཕྲོ་དུས་ཁྱེད་རང་དྲན།སྤང་ལྗོངས་ངོས་སུ་མེ་ཏོག་བཞད་དུས་ཁྱེད་རང་དྲན།གཙང་ཆུ་སྔོན་མོ་ལྷུང་ལྷུང་འབབ་དུས་ཁྱེད་རང་དྲན།ཕུ་ནུ་མིང་སྲིང་གཞིས་ལ་འཛོམས་དུས་ཁྱེད་རང་དྲན།སྦྲང་དཀར་རྩམ་པ་བཟའ་དུས་ཁྱེད་རང་དྲན།ཞིམ་མངར་འོ་ཇ་འཐུང་དུས་ཁྱེད་རང་དྲན།རྟ་ཕོ་བང་གིས་རྒྱུགས་དུས་ཁྱེད་རང་དྲན།ལུ་ཁྱུས་འབའ་སྐད་སྒྲོག་དུས་ཁྱེད་རང་དྲན།ང་ཡི་སྙིང་གི་ཨ་ཕ་ལགས།བུ་ངས་ཁྱེད་རང་དྲན་པ་གནམ་ཡིན།ས་ཡིན། མེ་ཡིན། རླུང་ཡིན། དབྱངས་ཡིན། འོད་ཡིན།ཨ་ཕ་ལགས། རྒྱབ་རི་འདྲ་བའི་ཨ་ཕ་ལགས།མི་ཚེའི་ལམ་གྱི་ཨ་ཕ་ལགས།ཁྱེད་རང་སྤྲིན་པ་ནང་བཞིན།ཁྱེད་རང་གཡུ་འབྲུག་ནང་བཞིན།ཁྱེད་རང་རྒོད་པོ་ནང་བཞིན།བུ་ངའི་མིག་གི་མཐོང་ལ་ལན་གཅིག་འབྱོར་རོགས།བུ་ངའི་སེམས་ཀྱི་ཟབ་སར་འཛུལ་རོགས།ཁྱེད་རང་མེད་པའི་ཉིན་དང་མཚན་ལ།ནམ་མཁར་སྐར་མ་དངངས་འདར་བརྒྱབ་ནས་འདུགགསེར་གྱི་མཆོད་མེ་སྤར་ཡང་ཁྱེད་རང་མཇལ་ཡས་མིན་འདུགཨ་ཙི་ཙི་་་་་་་ང་ཡི་ཨ་ཕ་ལགས།གསེར་གྱི་མཆོད་མེ་སྤར་ཡང་ཁྱེད་རང་མཇལ་ཡས་མིན་འདུགཨ་ཙི་ཙི་་་་་་་ང་ཡི་ཨ་ཕ་ལགས།ཨ་ཙི་ཙི་་་་་་་ང་ཡི་ཨ་ཕ་ལགས།གླུ་གཞས་གསན་པར་ཐུགས་རྗེ་ཆེ།འཇའ་ཚོན་གཞུ་ཡི་རྣམ་པ་སྒོ་ཁྱའི་ཟུག་སྐད་རྒྱབ།ཨ་མའི་རུས་པར་ཁྱབ།བུ་ཆུང་ང་ཡི་ཁྱེད་ཀྱི་ལག་ཟུང་དྲན་དུས་རེད།བུ་ཆུང་ང་ཡི་ཁྱེད་ཀྱི་འཛུམ་ཞལ་དྲན་དུས་རེད།མིག་ཆུ་དྭངས་མོ་གཙང་པོའི་ཀློང་ལ་འཐོར།ན་ཟུག་དྲག་པོ་སེམས་ཀྱི་གདུང་བར་བསྙལ།སྐྱབས་ཀྱི་བླ་མ་དཀོན་མཆོག་གསུམ་པོས།སེམས་ཅན་ཐམས་བཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འགྱུར་ཅིགསེམས་ཅན་ཐམས་བཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འགྱུར་ཅིགསེམས་ཅན་ཐམས་བཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་འགྱུར་ཅིགསེམས་ཅན་ཐམས་བཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་གཏང་སྙོམས་ལ་གནས་པར་འགྱུར་ཅིགང་ཡི་སྙིང་གི་ཨ་ཕ་ལགས།བདག་གིས་བཏོན་པའི་སྐྱབས་འགྲོ་སྨོན་ལམ་དེ།སེམས་ཅན་ཀུན་ལ་བཅངས་པའི་བརྩེ་བ་ཡིན།དྲིན་ལ་དྲིན་ལན་ཏོག་ཙམ་འཇལ་ཕྱིར་དུ།ཨ་ཕ་ཁྱེད་ལ་བསྔོ་བའི་སྨོན་ལམ་ཡིན།གུང་ཐང་བསྟན་པའི་སྒྲོན་མེ་ཚང་གི་ཞལ་ནས།ལས་ཀྱི་འདུས་པའི་ཕ་ཡུལ་ཉེ་དུ་ཀུན།བཞག་ཏེ་རྒྱང་རིང་ཡུལ་དུ་སོང་ན་ཡང་།རྒྱས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས།བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན།འོང་དོན་ཐོས་བསམ་ལས་སྒྲིམ་ཤིག་ཨང་གསུངས་པ་བཞིན།དེ་ཡང་ཡབ་ཆེན་ཁྱེད་ཀྱིས་བདག་ལ་གནང་བའི་ཞལ་ཏའམ།བུ་ཆུང་ང་ལ་གསུང་པའི་རེ་བ་ནམ་ཡང་ཡིན་འགྱུར་ན།ཁྱེད་རང་སེམས་ཁྲལ་མ་གནང་བདེ་བར་བསྐྱོད་དང་།བུ་ཆུང་ང་ཡི་རང་གི་རྐང་རྗེས།ཆུང་ཆུང་དུས་ནས་མདུན་ལམ་རིང་མོ་བསྒོམས་ནས།འཛམ་གླིང་ས་མཐོའི་ཡང་རྩེ་ནས།གངས་ཀྱི་ར་བས་བསྐོར་བའི་ཁ་བ་ཅན་གྱི་ཞིང་ཁམས་ལ།ཆོས་ལྡན་ཞིང་གི་བོད་ཡུལ་དུ་ང་ལ་མི་ལུས་ལེན་པ་ལ།བོད་ཆོས་ལྡན་ཞིང་ཁམས་ཕ་ས་གསེར་གྱི་གཞོང་པར།ཁྱེད་རང་ནམ་ཡང་བརྗེད་མི་སྲིད།ང་ཡི་སྙིང་གི་ཨ་ཕ་ལགས།ཨོཾ་ཏྰ་རེ་ཏུ་ཏྟྰ་རེ་ཏུ་རེ་སྭཧ྄།ཨོཾ་ཏྰ་རེ་ཏུ་ཏྟྰ་རེ་ཏུ་རེ་སྭཧ྄།ཨོཾ་ཏྰ་རེ་ཏུ་ཏྟྰ་རེ་ཏུ་རེ་སྭཧ྄།གསེར་གྱི་མཆོད་མེ་སྤར་ཡང་ཁྱེད་རང་མཇལ་ཡས་མིན་འདུགཨ་ཙི་ཙི་་་་་་་ང་ཡི་ཨ་ཕ་ལགས།གསེར་གྱི་མཆོད་མེ་སྤར་ཡང་ཁྱེད་རང་མཇལ་ཡས་མིན་འདུགཨ་ཙི་ཙི་་་་་་་ང་ཡི་ཨ་ཕ་ལགས།ཨ་ཙི་ཙི་་་་་་་ང་ཡི་ཨ་ཕ་ལགས།ཨ་ཙི་ཙི་་་་་་་ང་ཡི་ཨ་ཕ་ལགས།ཨོཾ་ཏྰ་རེ་ཏུ་ཏྟྰ་རེ་ཏུ་རེ་སྭཧ྄།ཨོཾ་ཏྰ་རེ་ཏུ་ཏྟྰ་རེ་ཏུ་རེ་སྭཧ྄།